བོད་ནང་ལོ་གསར་གཅིག་གྱུར་བྱེད་དགོས་ན་ཇི་ལྟར་བྱེད་དགོས་པའི་ཐད་བགྲོ་གླེང་།
2020.02.21
ཐེངས་འདིའི ༼ གངས་ལྗོངས་གླེང་སྟེགས༽ ནང་དུ། བོད་སིལ་བུར་ཡུན་རིང་འཐོར་བའི་དབང་གིས། བོད་ཆོལ་ཁ་གསུམ་ན་ཡུལ་སྲོལ་ཁ་ཤས་ཤིག་མི་མཐུན་པའི་གནས་སྟངས་ཤར་ཡོད་ལ། དཔེར་ན་རྩིས་ལུགས་གཅིག་ཀྱང་རྩིས་སྟངས་མི་གཅིག་པས་བོད་ཀྱི་ལོ་གསར་དེ་ཉི་མ་གཅིག་ལ་ཁེལ་གྱིན་མེད་པ་མ་ཟད། དུས་ཆེན་གཞན་དག་ཀྱང་དེ་བཞིན་ཆགས་ཡོད། འོ་ན་རྩིས་སྟངས་གཅིག་གྱུར་བྱེད་དགོས་ན་ཇི་ལྟར་བྱེད། ལོ་གསར་གཅིག་གྱུར་བྱེད་དགོས་ན་ཇི་ལྟར་བྱེད། རྩིས་སྟངས་གཅིག་གྱུར་བྱས་པའི་དགེ་བ་དང་མ་བྱས་པའི་སྐྱོན་ཆ་ལ་སོགས་པའི་ཐད་སྐར་རྩིས་ཆེད་མཁས་པ་ཞིག་དང་མཉམ་དུ་སྟག་ལྷ་རྒྱལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།།