དྷཱི་ལྷ་ལྡན་ལགས་ལོ་ངོ་བཞིའི་བཙོན་འཇུག་དུས་ཡུན་ཚང་ནས་བཙོན་གྲོལ་ཐོབ་པ།

2023.08.14
དྷཱི་ལྷ་ལྡན་ལགས་ལོ་ངོ་བཞིའི་བཙོན་འཇུག་དུས་ཡུན་ཚང་ནས་བཙོན་གྲོལ་ཐོབ་པ།
བོད་འབྱོར།

བོད་ནང་གི་རྩོམ་པ་པོ་བློ་བཟང་ལྷུན་གྲུབ་བམ་སྨྱུག་མིང་ལ་དྷཱི་ལྷ་ལྡན་ལགས་རྒྱ་ནག་ཁྲིན་ཏུའུ་མཱན་ཡང་བཙོན་ཁང་དུ་ལོ་ངོ་བཞིའི་བཙོན་འཇུག་དུས་ཡུན་ཚང་ནས་བཙོན་གྲོལ་ཐོབ་ཡོད་པ་དང་། ད་ལྟའི་ཆར་རྩོམ་པ་པོ་ཁོང་ཕ་ཡུལ་གྱི་རང་ཁྱིམ་དུ་ཕྱིར་བདེ་འབྱོར་བྱུང་ཡོད་པ་ལས། ཁོང་གི་སྐུ་གཟུགས་གནས་སྟངས་གཙོས་ཞིབ་ཕྲའི་གནས་ཚུལ་ཁག་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།  དྷཱི་ལྷ་ལྡན་ལགས་ཀྱིས་རྒྱ་ནག་གཞུང་གི་བོད་ནང་དབང་འཛིན་བྱེད་བཞིན་པའི་ཐད་ཁོང་གིས་བྲིས་པའི་དེབ་ནང་སྐྱོན་བརྗོད་བྱེད་ཡོད་པ་རེད།  ད་ལྟའི་ཆར་བོད་ནང་དུ་རྒྱ་ནག་གཞུང་གི་གྲངས་ཐོ་ཁག་གསང་བ་དམ་པོའི་འོག་བཞག་གི་ཡོད་པའི་རྐྱེན་གྱིས་བོད་མི་ཆབ་སྲིད་བཙོན་པ་ཇི་ཙམ་ཡོད་མེད་གྲངས་འབོར་ཏག་ཏག་ཅིག་བརྗོད་རྒྱུ་མེད་པ་རེད།  འོན་ཀྱང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ ༢༠༢༡ ཟླ་ ༥ པའི་ནང་བོད་མི་ ༥༠༠ ནས་ ༢༠༠༠ ཙམ་བཙོན་འཇུག་དང་དོ་དམ་འོག་བཅུག་ཡོད་པ་བརྗོད་ཡོད་པ་རེད།  ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་།  བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎