བོད་ཀྱི་ཕྱོགས་ནས་ཇོ་མོ་གླང་མ་རི་འཛེགས་པར་ཏོག་དབྱིབས་རིམས་ནད་མི་འགོ་བའི་དོགས་ཟོན།
2021.05.11

ས་གནས་རྒྱ་ནག་གཞུང་གིས་རི་བོ་ཇོ་མོ་གླང་རིའི་བོད་ཕྱོགས་ཀྱི་རི་འཛེག་པར་ཏོག་དབྱིབས་རིམས་ནད་མི་འགོ་རྒྱུར་དོགས་ཟོན་ནན་མོ་བྱེད་བཞིན་ཡོད་ཚུལ་གནས་ཚུལ་སྤེལ་ཡོད་པ་དང་། གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་དུ་ཆབ་སྲིད་དང་པོར་བཞག་ཡོད་པར་བརྟེན་ཏོག་དབྱིབས་རིམས་ནད་སྔོན་འགོག་ནི་ཞོར་གྱི་ལས་དོན་ཞིག་དང་། དམིགས་ཡུལ་ནི་བོད་ནང་གི་གནས་སྟངས་ཕྱི་ལ་མི་ཁྱབ་རྒྱུར་དམ་དྲག་བྱེད་བཞིན་པར་ངོས་འཛིན་བྱས་ཡོད་པའི་སྐོར། སྟག་ལྷ་རྒྱལ་གྱིས་གནས་ཚུལ་ཕྱོགས་སྒྲིག་དང་རྒྱང་སྲིང་བྱས་པར་གསན་རོགས་གནོངས།།
གསར་འགོད་པ་སྟག་ལྷ་རྒྱལ།