རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་སྲིད་ཇུས་དེ་བོད་མིར་ཁེ་ཕན་མེད་པ།
2024.08.08
ཐེངས་འདིའི་ཕ་ཡུལ་ལེ་ཚན་གྱི་ནང་དུ། རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་ཡར་རྒྱས་ཆེད་ཡིན་སྐོར་བརྗོད་ནས་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དག་གིས་དོན་དངོས་ཐོག་བོད་མིར་ཁེ་ཕན་ཆེན་པོ་གང་ཡང་ཐོབ་ཀྱི་མེད་པའི་ཁར། བོད་མི་རྣམས་ལ་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་དོར་དུ་བཅུག་ནས་མི་རིགས་རྒྱ་བསྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་གི་ཡོད་པ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གིས་བཏོན་པའི་ཞིབ་འཇུག་སྙན་ཐོའི་ནང་གསལ་ཡོད་པའི་སྐོར་ལ། བསོད་ནམས་ལྷོ་མོས་གནས་ཚུལ་ཕྱོགས་བསྡུས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས།
གསར་འགོད་པ། བསོད་ནམས་ལྷོ་མོ།
རྩོམ་སྒྲིག་འགན་འཛིན་། བསྟན་འཛིན་བདེ་སྐྱིད།
དྲ་ཐོག་སྤེལ་མཁན་། ནོར་སྡེ་སྒྲོལ་མ།