འཛམ་གླིང་གནམ་གཤིས་འགྱུར་ལྡོག་དང་བོད།
2015.12.01
༄༅། །དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་འཛམ་གླིང་ཡུལ་གྲུ་ཁག་ནང་ཡོད་པའི་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་རྣམ་པ་འདྲ་མིན་ཐོག་བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་དགོས་པའི་ལས་འགུལ་སྤེལ་བ་དང་དུས་མཚུངས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཐོག་བོད་ཀྱི་ཁོར་ཡུག་གནས་སྟངས་ལ་དོ་སྣང་དགོས་པའི་བཀའ་མོལ་གནང་བ་སོགས་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།