སེར་ཤུལ་རྫོང་རྫ་སྨད་དབོན་པོ་ཡུལ་ཚོའི་ཕྱོགས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་བྱེད་པ།
2019.11.29
ཐེངས་འདིའི་ཕ་ཡུལ་ལེ་ཚན་གྱི་ནང་དུ། བོད་རང་བཙན་གྱི་ལས་འགུལ་སྤེལ་བའི་རྐྱེན་གྱིས་བོད་མི་སྐྱ་སེར་བརྒྱད་ཙམ་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡུལ་སེར་ཤུལ་རྫོང་རྫ་སྨད་དབོན་པོ་ཡུལ་ཚོའི་ཕྱོགས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་བྱེད་དེ་ཕྱི་ཕྱོགས་ནས་གནས་ཚུལ་རྒྱུས་ལོན་བྱེད་དཀའ་མོར་འགྱུར་ཡོད་པའི་སྐོར། བསོད་ནམས་ལྷ་མོས་གནས་ཚུལ་ཕྱོགས་བསྡུས་ཞུས་པར་གསན་རོགས།།