བཀྲ་ཤིས་རབ་བརྟན་ལགས་ཀྱི་བཟའ་ཟླ་དང་བུ་མོ་འཛིན་བཟུང་བྱས་པ།
2016.12.13
༄༅། །༢༠༡༦་ལོའི་ཟླ་༡༢་བའི་ཚེས་༨་ཉིན་གྱི་དགོང་དྲོའི་ཆུ་ཚོད་བདུན་པ་མ་ཟིན་ཙམ་ལ། མདོ་སྨད་རྨ་ཆུ་རྫོང་ཐོག་ཏུ་རང་ལུས་མེར་བསྲེགས་གནང་མཁན་བཀྲ་ཤིས་རབ་བརྟན་ལགས་ཡིན་པ་དང་། ཁོང་གི་བཟའ་ཟླ་དང་བུ་མོ་འཇུ་བཟུང་བྱས་ཡོད་པ་དང་། མུ་མཐུད་བོད་ནང་གི་བོད་མི་ཁག་གཅིག་གིས་འགྲེལ་བརྗོད་གནང་བ་ལྟར་ན། བཀྲ་ཤིས་རབ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་རྗེས་རྒྱ་ནག་གི་ཉེན་རྟོག་པས་རྨ་ཆུ་རྫོང་ཐོག་ནས་བོད་མི་མང་པོ་འཇུ་བཟུང་བྱས་འདུག ཞིབ་ཕྲ་འདི་གའི་གསར་འགོད་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་ཀུན་བཟང་བསྟན་འཛིན།