བོད་ནང་གི་མཚོ་རྣམས་ཇེ་ཆེར་འགྲོ་བཞིན་ཡོད་པ།
2019.06.08

༄༅༎གོ་ལའི་ཚ་དྲོད་འཕེལ་རྒྱས་འགྲོ་བཞིན་པའི་རྐྱེན་གྱིས་བོད་ནང་གི་མཚོ་རྣམས་ཇེ་ཆེར་འགྲོ་བཞིན་ཡོད་པའི་ཐོག་ས་གནས་ཀྱི་བོད་མི་རྣམས་ཀྱིས་བལྟ་ཚུལ་ཇི་ཡོད་དང༌། ཁོར་ཡུག་ཐོག་འགྱུར་ལྡོག་འགྲོ་བཞིན་པ་དེའི་གནས་སྟངས་བཅས་ཀྱི་སྐོར་ཕྱི་ནང་གི་ཁོར་ཡུག་ཉམས་ཞིབ་པ་ཁག་དང་ཨ་རིའི་Boise State Univesity འམ་Boise མངའ་སྡེའི་གཙུག་ལག་སློབ་གྲྭའི་འགྲོ་བ་མི་དང་ཁོར་ཡུག་ཚན་པའི་སློབ་དཔོན་Kelly Hoppingལགས་ཀྱིས་བོད་ནང་དངོས་སུ་ཕེབས་ནས་ཉམས་ཞིབ་གནང་བའི་ཐོག་ནས་བཏོན་པའི་སྙན་ཐོ་ད་རེས་ཨ་རིའི་Society & Natural Resources འམ་སྤྱི་ཚོགས་དང་རང་བྱུང་གི་ཐོན་རྫས་ཟེར་བའི་རྒྱལ་སྤྱིའི་དུས་དེབ་ཐོག་གནས་ཚུལ་ཐོན་ཡོད་པ་དེ་ཚེ་དབང་ནོར་བུ་ལགས་ཀྱིས་ཕབ་བསྒྱུར་དང་འབྲེལ་ཡོད་ཉམས་ཞིབ་པར་བཅའ་འདྲི་ཞུས་ནས་ཕྱོགས་སྒྲིག་བྱས་པའི་དུམ་བུ་དང་པོ་དེ་གསན་རོགས་ཞུ།།
གསར་འགོད་པ་ཚེ་དབང་ནོར་བུ།