རྔ་བ་ས་གནས་སུ་༸གོང་ས་མཆོག་གི་སྐུའི་གྱ་སྟོན་སྲུང་བརྩི་ཞུས་ཡོད་པ།
2015.04.10

༄༅༎བོད་རྔ་བ་ས་གནས་སུ་བོད་མི་ཚོས་རྟ་རྒྱུགས་འགྲན་བསྡུར་དང་སྒོ་ཕྱུགས་སེམས་ཅན་གཅིག་སྟོང་ལྷག་ཚེ་ཐར་བཏང་སྟེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགུང་གྲངས་༨༠ལ་ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩི་ཞུས་ཡོད་པའི་སྐོར། ཞིབ་ཕྲ་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་འདྲ་པར་དང་བཅས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎
གསར་འགོད་པ་ཀུན་བཟང་བསྟན་འཛིན།
ཡང་མདོ་སྨད་མཛོད་དགེ་དང་ཁྱུང་མཆུ་ས་ཁུལ་གྱི་བོད་མི་སྐོར་ཞིག་གིས་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་མཆོག་གི་གྱ་སྟོན་སྲུང་བརྩི་མཚོན་ཆེད་རྐུ་མི་བྱེད་པ་དང་མཚོན་འཛིང་མི་བྱེད་པ། ཤོ་མི་རྒྱག་པ་སོགས་ཀྱི་དམ་བཅའ་བཞག་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བློ་བྷེ་ཡིས་རྒྱ་གར་དྷ་རམ་ས་ལ་ནས་བཏང་བའི་གནས་ཚུལ་ཞིག་ལ་གསན་རོགས་གནང་།
གསར་འགོད་པ་བློ་བྷེ།