ཨ་རིའི་དཔོན་རིགས་ཁག་ཅིག་གིས་རྒྱ་ནག་གིས་བོད་ཀྱི་ཆོས་དང་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་ཀྱང་ལམ་ལྷོངས་ཡོང་གི་མེད་པ་གསུངས་བ།
2020.06.04

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་སེམ་སྦརའོན་སྦེཀ་ལགས་དང་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་གྲོས་ཚོགས་ཀྱི་རྒྱ་ནག་གི་ལས་དོན་ཐད་ཀྱི་ཆེས་མཐོའི་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇིམ་མེཀ་གོ་ཝརཱན་ལགས་རྣམ་གཉིས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་མི་རིགས་ཀྱི་ངོ་བོ། སྐད་ཡིག་སོགས་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་ལམ་ལྷོངས་ཡོང་གི་མེད་པ་གསུངས་ཡོད་པའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།