རུལ་སུངས་ངོ་རྒོལ་བ་ཨ་ཉ་སེང་སྒྲ་ལགས་འཛིན་བཟུང༌།
2018.12.14

༄༅༎ཐེངས་འདིའི་ཕ་ཡུལ་ལེ་ཚན་གྱི་ནང་དུ། མགོ་ལོག་དགའ་བདེ་རྫོང་གི་རུལ་སུངས་ངོ་རྒོལ་བ་ཨ་ཉ་སེང་སྒྲ་ལགས་འདི་ལོའི་སྤྱི་ཟླ་ ༩ པའི་ནང་སྤྱི་ཚོགས་ལ་དཀྲུག་རྐྱེན་སློང་བའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་རྗེས། ད་ཆ་ཁོང་ལ་ད་དུང་ཉེས་མིང་གཞན་པ་ཡོད་ལུགས་ཀྱིས་མུ་མཐུད་བཀག་སྐྱིལ་བྱེད་བཞིན་ཡོད་པ་དང་། དེ་ནི་ཨ་ཉ་སེང་སྒྲ་ལགས་ཀྱིས་ས་གནས་ལས་བྱེད་ཚོའི་ལྐོག་ཟ་རུལ་སུངས་ཐེར་སྟོན་བྱེད་པའི་རྐྱེན་གྱིས་ཁོང་ལ་ལས་བྱེད་ཚོས་འཁོན་ལན་སློག་པ་ཞིག་ཡིན་སྐོར་ཁོང་གི་ཁྲིམས་རྩོད་པས་གསུང་གི་ཡོད་སྐོར་བསོད་ནམས་ལྷ་མོས་ཕྱོགས་བསྡུས་ཞུས་པ་གསན་རོགས།།
གསར་འགོད་པ་བསོད་ནམས་ལྷ་མོ།