ཨ་ཉ་སེང་སྒྲ་ལགས་ཀྱི་ད་ལྟའི་གནས་སྟངས་ལ་ཐུགས་འཚབ།


2020.04.25
ཨ་ཉ་སེང་སྒྲ་ལགས་ཀྱི་ཉེ་པར། ༼ཟླ་ཚེས་མི་གསལ ཨ་ཉ་སེང་སྒྲ་ལགས་ཀྱི་ཉེ་པར། ༼ཟླ་ཚེས་མི་གསལ
བོད་འབྱོར།

དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་མི་སྣ་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བའི་ནང་། ཨ་ཉ་སེང་སྒྲ་ལགས་ནི་བོད་མདོ་སྨད་མགོ་ལོག་ཁུལ་དགའ་བདེ་རྫོང་གཙང་སྐོར་ཞོལ་མ་ནས་ཡིན་ཞིང་ཁོང་ནི་བོད་མི་རླབས་ཆེན་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག

ད་དུང་ཁོང་གིས་མུ་མཐུད་གསུང་ན།  ཨ་ཉ་སེང་སྒྲ་ལགས་ཀྱིས་རྒྱ་ནག་གཞུང་འབྲེལ་ས་གནས་དཔོན་རིགས་ཚོས་བོད་ཁུལ་ས་གནས་ཁག་ཏུ་ལྐོག་ཟ་བྱས་པ་དང་། མི་རིགས་དབྱེ་འབྱེད་དང་མི་རིགས་ཀྱི་བདེ་སྡུག་ལ་ལྟ་རྟོགས་མ་བྱས་པ་སོགས་ཀྱི་གནད་དོན་མང་པོ་འཐེར་འདོན་གནང་སྟེ།        རྫོང་དང་ཁུལ། ཞིང་ཆེན་རིམ་པར་ཞུ་གཏུགས་གནང་བའི་དབང་གིས་རྗེས་སུ་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་ཡོད་པ་རེད།   རྩ་བའི་ཁོང་ལ་ཆབ་སྲིད་དང་འབྲེལ་བའི་ཁྲིམས་འགལ་གྱི་གནད་དོན་གང་ཡང་མེད་ནའང་དེང་སྐབས་བོད་ནང་དུ་བོད་མི་རིགས་ལ་ཞེན་ཡོད་པ་དང་། མི་རིགས་ཀྱི་ཆེད་དུ་ལས་ཀ་བྱེད་མཁན་ཚོའི་ཚེ་སྲོག་ལ་ཉེན་ཁ་ཆགས་ཡོད་པ་རེད།   དེའི་རིགས་ཀྱི་མི་སྣ་ཚོ་ད་ཆ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་དང་བྱེད་བཞིན་ཡོད་པ་རེད་ཅེས་དང་། ཨ་ཉ་སེང་སྒྲ་ལགས་དེང་སྐབས་གང་དུ་ཡོད་མིན་གྱི་གནས་ཚུལ་གསལ་པོ་མེད་པར་བརྟེན་ས་གནས་བོད་མི་ཚོས་ཨ་ཉ་སེང་སྒྲ་ལགས་ཀྱི་གནས་སྟངས་ཐད་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་པ་བོད་ནང་གི་མི་སྣ་དེས་འགྲེལ་བརྗོད་གནང་གི་འདུག

ཨ་ཉག་སེང་སྒྲ་ལགས་ཀྱིས་ས་གནས་སུ་ཁོར་ཡུག་སྲུང་སྐྱོབ་དང་། ས་གནས་དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་སོགས་ཀྱི་གནས་ཚུལ་ཐེར་འདོན་གནང་བར་བརྟེན་༢༠༡༨་ལོར་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་གིས་ལོ་གཅིག་དང་ཟླ་བ་གཉིས་ཙམ་རིང་བཀག་ཉར་བྱས་པའི་རྗེས་སུ། ༢༠༡༩་ལོའི་ཟླ་༡༢་ཚེས་༦་ཉིན་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་མི་དམངས་ཁྲིམས་ཁང་དུ་ཉིན་༢་རིང་ཁྲིམས་རྭ་ཚོགས་ཁུལ་གྱིས་བོད་མི་༨་ལ་ཁྲིམས་ཐག་བཅད་ཡོད་པའི་ཁོངས་ནས་ཉེས་གསོག་གི་གསལ་ཁ་གང་ཡང་མེད་པར་ཨ་ཉ་སེང་སྒྲ་ལགས་ཀྱིས་སྙད་འཚོལ་འཁྲུག་སློང་དང་མི་མང་བསྡུ་རུབ་ཀྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བཤིག་བཏང་བའི་ཉེས་མིང་འོག་ལོ་བདུན་གྱི་ཁྲིམས་ཆད་བཅད་ཁྲ་བཏང་ཡོད་པ་དེར་ཁོང་གིས་ངོས་ལེན་གནང་གི་མེད་པ་དང་། ཟླ་བ་འདིའི་ཕྱི་ཚེས་༢༧ཉིན་ཁོང་གི་ཞུ་གཏུགས་གཉིས་པ་དེ་གནང་གི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎