ཚེ་གཡང་ལགས་སུ་ལོ་བདུན་ཁྲིམས་ཐག་བཅད་འདུག
2013.11.01

རྒྱ་ནག་གཞུང་གིས་མགོ་ལོག་པདྨ་རྫོང་ངྷི་མདའ་ཡུལ་ཚོའི་ཚེ་གཡང་ལ་མི་རིཊ་ཁ་བྲལ་གཏོང་མཁན་གྱི་ཉེས་མིང་འོག་ལོ་༧ གྱི་ཁྲིམས་ཐག་བཅད་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། དགུང་གྲངས་༢༣ ཙམ་ཡིན་པའི་ཚེ་གཡང་ལགས། ན་ནིང་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གིས་འཛིན་བཟུང་བྱས་བ་ནས་བཟུང་ཟླ་བ་གཅིག་རིང་གནས་ཚུལ་ཤེས་རྟོགས་མེད་པར་ལུས་བ་དང་། རྗེས་སུ་ཕྱི་ཟླ་བཞི་པའི་ནང་ཁོང་གི་ཨ་ཞང་གི་ཁྱིམ་དུ་དཀར་མཛེས་རྫོང་གི་ཉེན་རྟོག་ལས་ཁང་གི་བརྡ་ཐོ་ཞིག་འབྱོར་ཏེ། ཚེ་གཡང་ལགས་སུ་མི་རིགས་ཁ་བྲལ་གཏོང་མཁན་གྱི་ནག་ཉེས་བཙུགས་ཏེ་ལོ་བདུན་བཙོན་འཇུག་ཉེས་ཆད་བཏང་བའི་སྐོར་བརྡ་སྤྲད་ཡོད་པ་རེད།
ཚེ་གཡང་ལགས་ཀྱིས་༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་དཀར་མཛེས་དང། འབར་ཁམས། རྔ་བ་བཅས་ཀྱི་ས་གནས་ཁག་ཅིག་ནང་བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་པ་མ་ཟད། ལྷག་པར་དུ་རྔ་བ་ཁུལ་གྱི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་མདུན་དུ་ཐོན་ནས་སྐད་འབོད་བྱེད་མཁན་གྲས་ཡིན་པའི་སྐོར་བཤད་བཞིན་པ་དང་། ཚེ་གཡང་ལགས་ནི། མགོ་ལོག་ཁུལ་པདྨ་རྫོང་ངྷི་མདའ་ཡུལ་ཚོའི་ཁྱིས་མདའ་སྡེ་བ་ནས་ཡིན་པ་རེད་འདུག