བཙན་ཤེད་སྒོ་ནས་གྲོས་མཐུན་དོན་ཚན་ ༡༧ས་རྟགས་བཀོད་བཅུག་ནས་ལོ་༧༠འཁོར་བ།

2021.05.22
བཙན་ཤེད་སྒོ་ནས་གྲོས་མཐུན་དོན་ཚན་ ༡༧ས་རྟགས་བཀོད་བཅུག་ནས་ལོ་༧༠འཁོར་བ། ཕྱི་ཟླ་ ༥ ཚེས་ ༢༣ ཉིན་མོ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་མའོ་ཙེ་ཏུང་གིས་དབང་འཛིན་བྱས་པའི་དམར་ཤོག་གི་གཞུང་འཛིན་གྱིས་བོད་ས་གང་ཙམ་བཙན་བཟུང་བྱས་རྗེས་བཙན་ཤེད་སྒོ་ནས་གྲོས་མཐུན་དོན་ཚན་ ༡༧ ཟེར་བའི་ཆིངས་ཡིག་ལ་བོད་གཞུང་གི་སྐུ་ཚབ་ནས་ས་རྟགས་བཀོད་བཅུག་པ།
པར་ཚགས།

༄༅།།ཕྱི་ཟླ་ ༥ ཚེས་ ༢༣ ཉིན་མོ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་མའོ་ཙེ་ཏུང་གིས་དབང་འཛིན་བྱས་པའི་དམར་ཤོག་གི་གཞུང་འཛིན་གྱིས་བོད་ས་གང་ཙམ་བཙན་བཟུང་བྱས་རྗེས་བཙན་ཤེད་སྒོ་ནས་གྲོས་མཐུན་དོན་ཚན་ ༡༧ ཟེར་བའི་ཆིངས་ཡིག་ལ་བོད་གཞུང་གི་སྐུ་ཚབ་ནས་ས་རྟགས་བཀོད་བཅུག་པ་དང་། དེ་ལྟར་མ་བྱེད་ན་བོད་འདི་དྲག་པོའི་ལམ་ནས་བཙན་བཟུང་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་ཉེན་བརྡ་བཏང་ནས། བོད་འདི་རྒྱ་ནག་གི་མངའ་འོག་ཏུ་ཤོར་བའི་ཆེས་རྩོད་གཞི་ཅན་གྱི་ལོ་རྒྱུས་ཀྱི་དོན་སྙིང་དུ་གྱུར་ནས་མི་ལོ་ ༧༠ འཁོར་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ས་རྭ་བོད་ཀྱི་རིག་ལམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་གདན་ཞུ་བྱེད་དེ་ཆིངས་ཡིག་དོན་ཚན་ ༡༧ གྱི་གནད་འགག་དང་སྐབས་དེའི་གནས་སྟངས་གང་འདྲ་ཞིག་གི་འོག་མིང་རྟགས་བཀོད་པ་སོགས་ལ་དཔྱད་ཞིབ་གླེང་མོལ་ཞུས་པ་ཞིག་གསན་རོགས་ཞུ།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎