དྲག་པོའི་སྟོབས་ཤུགས་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་བཅུག་པ།
ཕྱི་ཟླ་ ༥ ཚེས་ ༢༣ ཉིན་མོ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༥༡ ལོར་བོད་ནང་རྒྱ་ནག་གི་དམག་མི་བཏང་སྟེ་དྲག་པོས་བཙན་འཛུལ་བྱས་པའི་རྗེས་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་ས་རྟགས་བཀོད་བཅུག་པ་ནི། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་འདི་ཁྲིམས་མཐུན་བཟོ་ཐབས་བྱས་པ་ཞིག་ཡིན་པ་དང་དེ་ཡང་རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་རྣམ་པ་སྡུག་པོ་ཞིག་མི་གྱུར་བའི་ཐབས་ལམ་ཞིག་བཟུང་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ཀྱི་ལོ་རྒྱུས་རིག་པ་བ་ས་རྭ་བོད་ཀྱི་རིག་ལམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། ནོར་སྡེ།