བཙན་བྱོལ་ནང་གི་སྐྱིད་སྡུག་ཉམས་མྱོང༌།
2009.03.31
༄༅༎དེ་རིང་གི་གཏམ་གླེང་ཞལ་པར་གྱི་ལེ་ཚན་ནང་དུ་བཙན་བྱོལ་བོད་གཞུང་ནས་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་རྗེས་བོད་མི་རྒྱར་ནང་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་ལས་འཆར་སྤེལ་འགོ་ཚུགས་ཡོད་པ་དང་།རྒྱ་གར་རྒྱལ་ས་ལྡི་ལིའི་ནང་གི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་བཙན་བྱོལ་བོད་གཞུང་དམངས་ནས་རྒྱ་གར་གཞུང་དང་མི་དམངས་ལ་བཀའ་དྲི་རྗེས་དྲན་གྱི་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་གནང་བཞིན་ཡོད་པའི་སྐོར་རིག་ལྡན་སྒྲོལ་མ་ལགས་ནས་འབྲེལ་མི་སྣ་ཁག་ཅིག་གི་ལྷན་གླེང་མོལ་གནང་བར་གསན་རོགས་ཞུ༎