སྐུ་ཚབ་ཐེངས་བདུན་པ་རྒྱ་ནག་ལ་ཕེབས་པ།
2008.06.30
![]() |
གསར་འགྱུར་ལ་གསན། |
༄༅༎ཐེངས་འདིའི་རེས་གཟའ་ཉི་མའི་གཏམ་གླེང་གི་ལེ་ཚན་ནང་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་བོད་མིའི་འཐབ་རྩོད་ལ་བརྩི་མེད་གཏོང་མུས་ཀྱི་ཁོར་ཡུག་འོག་བོད་རྒྱ་ཞི་མོལ་གྱི་འབྲེལ་ལམ་མིང་དོན་མཚུངས་བ་ཞིག་ཡོང་བ་ཤིན་ཏུ་བཀའ་ཡང་སྐུ་ཚབ་ཐེངས་བདུན་པ་གློ་བུར་དུ་རྒྱ་ནག་ལ་གསལ་བསྒྲགས་མེད་པར་ཕེབས་ཡོད་པ་དང་འབྲེལ་ཡོད་གནས་ཚུལ་སྐོར་བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་བློ་བསྡུར་ཞུ་ཡུལ་བཀའ་བློན་ཁྲི་ཟུར་ཛ་ཆུ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་ཨ་རི་ནས་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་རྣམ་གཉིས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་བགྲོ་གླེང་གནང་བ་ཞིག་གསན་རོགས་གནང༌༎