བོད་བར་གྱི་གོམ་བགྲོད།
2008.05.26
༄༅༎ཕྱི་ལོ་༢༠༠༨ཟླ་བ་༥ཚེས་༢༥རེས་གཟའ་ཉི་མའི་གཏམ་གླེང་གི་ལེ་ཚན་ནང༌དུ་བོད་མིའི་སྒེར་ལངས་ཆེན་མོའི་ལས་འགུལ་གྱི་ཆ་ཤས་རྒྱ་གར་ནས་བོད་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་བ་རྣམས་ཟླབ་གཉིས་དང་ཕྱེད་ཀའི་རྗེས་སུ་བོད་དང་རྒྱ་གར་གྱི་ས་མཚམས་སུ་བཀག་ཡོད་པ་སོགས་དང་འབྲེལ་ཡོད་གནས་ཚུལ་སྐོར་རྒྱ་གར་ནས་བཀའ་བློ་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་འདི་ག་ཨ་རི་ནས་བཀའ་ཟུར་བློ་བཟང་སྙན་གྲགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་བཅས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་བགྲོ་གླེང་གནང་བ་ཞིག་གསན་རོགས་གནང༌༎