བོད་ནང་གི་ཞི་བའི་ངོ་རྒོལ།
2008.05.19
༄༅༎ཕྱི་ལོ་ ༢༠༠༨་ ཟླ་ ༥་ ཚེས་ ༡༨་ རེས་གཟའ་ཉི་མའི་གཏམ་གླེང་གི་ལེ་ཚན་ནང་། ད་ལམ་བོད་ནང་བོད་མིའི་ཞི་བའི་སྒེར་ལངས་ལ་རྒྱ་ནག་གཞུང་གིས་གདུག་རྩུག་དྲག་གནོན་བྱས་པར་དེར་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཧ་ཅང་ཆེན་པོ་གནང་ཡོད་པ་མ་ཟད་བོད་རྒྱའི་འབྲེལ་ལམ་བསྐྱར་གསོ་གནང་དགོས་པའི་ཤུགས་རྐྱེན་འོག་འབྲེལ་ལམ་བསྐྱར་གསོ་གནང་བའི་ཁོར་ཡུག་འོག་ནས་ད་ཆ་ཛ་དྲག་གི་གནས་ཚུལ་འཇམ་འགྲོ་བའི་ཉན་ཁ་ཡོད་མིད་དང༌། ལས་མཇུག་སྐྱོང་གནང་ཕྱོགས་སོགས་ཀྱི་སྐོར་བལ་ཡུལ་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་བཟུང་འབྲེལ་འགན་འཛིན་འཇམ་དབྱངས་རྡོ་རྗེ་ལགས་དང༌། ཨ་རི་ནས་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་གཉིས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་བགྲོ་གླེང་གནང་བ་ཞིག་གསན་རོགས་གནང༌༎