བཀའ་བློན་ཁྲི་པ་བླ་བཟང་སེངྒེ་མཆོག
2011.08.15
༄༅༎ཐེངས་འདིའི་རེས་གཟའ་ཉི་མའི་གཏམ་གླེང་གི་ལེ་ཚན་ནང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བཀའ་བློན་ཁྲི་པའམ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་དམ་འབུལ་གྱི་མཛད་སྒོར་༸གོང་ས་མཆོག་དང༌།བཀའ་བློན་ཁྲི་ཟུར།བཀའ་ཁྲི་གསར་པ་བཅས་ཀྱི་གསུང་བཤད་ཀྱི་ནང་དོན་སྐོར་རྒྱ་གར་ནས་འདི་གའི་བློ་བསྡུར་ཞུ་ཡུལ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང༌།བལ་ཡུལ་ནས་འདི་བློ་བསྡུར་ཞུ་ཡུལ་འཇམ་དབྱངས་རྡོ་རྗེ་ལགས་གཉིས་དང༌།ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་གླེང་མོལ་གནང་བར་གསན་རོགས༎