བོད་ནང་གི་ཞི་རྒོལ་དང་བོད་རྒྱའི་གྲོས་མོལ།
2008.04.28
༄༅༎ཕྱི་ལོ་ ༢༠༠༨ ཟླ་བ་ ༤ ཚེས་ ༢༧ རེས་གཟའ་ཉི་མའི་གཏམ་གླེང་གི་ལེ་ཚན་ནང༌། བོད་ནང་གཞིས་ལུས་བོད་མི་ཚོས་རྒྱ་ནག་གཞུང་ལ་གྱེན་ལངས་ཀྱི་ལས་འགུལ་སྤེལ་ནས་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་ཕྱིན་པའི་རྗེས་སུ་ད་ཆ་རྒྱ་ནག་གཞུང་གིས་ ༸གོང་ས་མཆོག་གི་སྐུ་ཚབ་ཀྱི་ལྷན་དུ་གྲོས་མོལ་འགོ་འཛུགས་གནང་རྒྱུར་ཁས་ལེན་གནང་བ་དང་འབྲེལ་ཡོད་གནས་ཚུལ་སྐོར་རྡ་རམ་ས་ལ་ནས་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་། ལྡི་ལི་གསར་པ་ནས་རྒྱལ་སྤྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ཟུང་འབྲེལ་འགན་འཛིན་འཇམ་དབྱངས་རྡོ་རྗེ་ལགས་གཉིས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་ནས་བཀའ་ཞུས་པར་གསན་རོགས་གནང༌༎