བཙན་བྱོལ་བོད་གཞུང་གི་གནས་སྟངས་ལ་འགྱུར་བ།
2011.08.01
༄༅༎ཐེངས་འདིའི་རེས་གཟའ་ཉི་མའི་གཏམ་གླེང་གི་ལེ་ཚན་ནང་དུ་རྒྱ་ནག་གཞུང་གིས་བར་ལམ་བཙན་བྱོལ་བོད་གཞུང་གི་གནས་སྟངས་ལ་འགྱུར་བ་གང་ཕྱིན་པ་དེའི་གོ་སྐབས་བཟུང་ཐུབ་མིན་དང་བཟུང་དགོས་མིན་སྐོར་དང་།བོད་ཤར་ཕྱོགས་ཁུལ་རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱ་སླར་གསོ་བྱེད་བཞིན་པའི་སྐོར་རྡ་རམ་ས་ལ་ནས་འདི་གའི་བློ་བསྡུར་ཞུ་ཡུལ་བཀའ་བློན་ཁྲི་པ་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང༌།བལ་ཡུལ་ནས་བློ་བསྡུར་ཞུ་ཡུལ་འཇམ་དབྱངས་རྡོ་རྗེ་ལགས་དང༌།ཨ་རི་ནས་དམིགས་བསལ་སྐུ་མགྲོན་བཀའ་ཟུར་པདྨ་ཆོས་འབྱོར་ལགས་བཅས་དང༌།ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་གླེང་མོལ་གནང་བར་གསན་རོགས༎