ཞི་བདེའི་ཆེད་སྨྱུང་གནས་སྨོན་ལམ་གསོལ་འདེབས།

འཛམ་གླིང་ཡོངས་སུ་བོད་མི་གནས་འཁོད་གང་སར་འཛམ་གླིང་ཞི་བདེའི་ཆེད་སྨྱུང་གནས་དང་སྨོན་ལམ་གསོལ་འདེབས་སྤེལ་བའི་གནས་ཚུལ།

2008.08.30
ཞི་བདེའི་ཆེད་སྨྱུང་གནས་སྨོན་ལམ་གསོལ་འདེབས། བལ་ཡུལ་དུ་འཛམ་གླིང་ཞི་བདེའི་ཆེད་བོད་མི་ཚོས་སྨྱུང་གནས་དང་སྨོན་ལམ་གསོལ་འདེབས་སྤེལ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཀླུ་འབུམ་བཀྲ་ཤིས།

༄༅༎ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་གྱི་ནང་དུ་དེ་རིང་ཕྱི་ཟླ་བརྒྱད་པའི་ཚེས་སུམ་ཅུ་རེས་གཟའ་སྤེན་པ་སྟེ་བོད་ས་བྱི་ཟླ་བ་དྲུག་པའི་གནམ་གང་གི་དུས་ཚིགས་ཉིན་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་འབོད་སྐུལ་གནང་དོན་ལྟར་འཛམ་གླིང་ཁྱོན་ཡོངས་སུ་གནས་འཁོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་དེ་བཟིན་ཞི་བདེ་ལ་དགའ་བའི་མང་ཚོགས་རྣམས་ནས་དུས་ཡུན་ཆུ་ཚོད་བཅུ་གཉིས་རིང་ཟས་བཅད་སྨྱུང་གནས་དང་འབྲེལ་གསོལ་འདེབས་སྨོན་ལམ་གྱི་ལས་རིམ་སྤེལ་བའི་སྐོར་ལས་རིམ་གཙོ་སྐྱོང་སྐལ་ལྡན་བློ་གྲོས་ལགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གནས་ཀྱི་གསར་འགོད་པ་ཁག་དང་བོད་མིའི་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཁག་ཅིག་གི་ལྷན་དུ་གླེང་མོལ་གནང་བར་གསན་རོགས་གནང༌༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎