མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་སེལ་ཐབས།
2009.08.11
༄༅༎ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དེང་སྐབས་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རྒྱལ་ཁབ་ཁག་གི་ནང་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ལྷན་ཚོགས་ཤིག་གནང་བཞིན་ཡོད་པ་དང༌།ལྷན་ཚོགས་དེའི་ཐོག་རྒྱ་ནག་དང་བོད་དང་འབྲེལ་བའི་གནས་ཚུལ་ཇི་བྱུང་སྐོར་སྐལ་ལྡན་བློ་གྲོས་ལགས་ནས་འབྲེལ་ཡོད་མི་སྣ་ཁག་ཅིག་གི་ལྷན་གླེང་མོལ་ཞུས་པར་གསན་རོགས༎