གསར་འགྱུར་ཡིག་ཚགས།
2024-08-07
ཆབ་མདོ་སྨར་ཁམས་ཁུལ་དང་བོད་ཤར་ཕྱོགས་ལི་ཐང་ཁུལ་དུ་དབུལ་སྐྱོར་ཕྱུག་འགྱུར་གྱི་ལས་གཞིའི་ཆེད་བོད་མི་དབུལ་ཕོངས་ཚོའི་གཞུང་གི་རོགས་དངུལ་རྣམས་ས་གནས་དཔོན་རིགས་ཀྱིས་ལྐོག་ཟ་བྱས་པའི་ཉེས་འཛུགས་བྱས་པར་བརྟེན་བོད་མི་གཉིས་ལ་གཅར་རྡུང་དང་བཀག་ཉར་བྱས་འདུག
2024-08-07
ས་གནས་བདེ་དོན་ལས་ཁུངས་དང་གྲོང་སྡེ་ལྷན་ཁང་གི་མཐུན་འགྱུར་འོག་ཉེ་ཆར་དཀའ་ངལ་སེལ་ཐུབ་པ་བྱུང་འདུག
2024-08-07
འབྲས་ལྗོངས་ནས་ཡིན་པའི་གྲོས་ཚོགས་འཐུས་མི་ཚེ་རིང་རྡོ་རྗེ་ལེབ་ཆ་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་གོང་མའི་ནང་རྒྱ་གར་དབུས་གཞུང་ལ་ཞུ་སྐུལ་ནན་པོ་གནང་བ་དང་འབྲེལ་ཡོད་པ།
2024-08-07
ཨོ་ལོམ་པིཀསི་རྩེད་འགྲན་ཁྲོད་བོད་མི་གསེར་གྱི་རྟགས་མ་ཐོག་མ་ཐོབ་མཁན་འདུར་རྒྱུག་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཧྥ་རན་སིར་ཚོགས་པའི་པེ་རིསི་ཨོ་ལིམ་པིཀསི་ (Olympics) རྩེད་འགྲན་ཁྲོད་སྐྱེས་པ་དང་བེུད་མཉམ་བསྲེས་ཀྱི་སྤྱི་ལེ་བཅུ་ཡི་འདུར་རྒྱུག་འགྲན་བསྡུར་ནང་མཉམ་ཞུགས་གནང་ཡོད་པ།
2024-08-06
ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་སྲིད་སྐྱོང་ཊིམ་ཝལཛི་(Tim Walz)མཆོག་ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མིར་བདམས་འདུག
2024-08-06
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འགོ་བཙུགས་ཡོད་པ་ཚོགས་དྲུང་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་འདུག
2024-08-06
གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བའི་ཆེད་དུ་འབད་བརྩོན་མུ་མཐུད་གནང་རྒྱུ་ཡིན་ཞེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་སྒང་ཏོག་ནང་འཚོགས་བཞིན་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ ཐོག་གསུངས་སོང་།
2024-08-06
ཆོས་དབྱིངས་སྐྱིད་ལགས་ཀྱིས་ཁོང་མོ་ད་རེས་ཨོ་ལིམ་པིཀསི་རྩེད་འགྲན་ལ་ཞུགས་ཐེངས་མཐའ་མ་ཡིན་སྲིད་པས་ནུས་ཤུགས་ཡོད་ཚད་བཏོན་ནས་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག་ལ། བོད་ནང་ནས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁོང་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་ཐོན་ཞིང་། ཁག་ཅིག་གིས་གངས་རིའི་སྲས་མོ་ཞེས་འབོད་བཞིན་འདུག
2024-08-05
ལྷ་སའི་ཞོ་སྟོན་སྐབས་སྒྲིག་ཆས་གྱོན་པ་དང་མ་གྱོན་པའི་རྒྱ་ནག་གི་ཉེན་རྟོག་པས་གོས་སྐུ་བཤམ་ཡུལ་དུ་དམ་དྲག་ཧ་ཅང་ཆེན་པོ་བྱས་པ་དང་། ནོར་བུ་གླིང་ཁའི་ནང་རྒྱུན་ལྡན་དང་མི་འདྲ་བའི་གླིང་ཀ་གཏོང་རྒྱུར་དམ་དྲག་ཆེ་བ་ཡོད་པ་བརྗོད་བྱུང་།
2024-08-05
སྙིང་གི་ན་ཚའི་བརྟག་དཔྱད་དང་ནད་ཕོག་པའི་རྒྱུ་རྐྱེན། ནད་རྟགས། སྔོན་འགོག་སོགས་ངོ་སྤྲོད་ཞུས་པའི་ཐོག་ནས་རྒྱུན་དུ་དོ་སྣང་བྱེད་སྟངས་དང་ཟས་སྤྱོད་ལ་བསྟེན་སྟངས་དང་བཅས་པ་ངོ་སྤྲོད།
2024-08-05
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གཟུགས་དྭངས་སྐྱེད་ཡག་པོ་ཡོང་བཞིན་པ་དང་མུ་མཐུད་དུ་ཞབས་པུས་འགུལ་སྐྱོད་སླར་གསོའི་སྦྱོང་བརྡར་གནང་དགོས་པ་བཅས་གཤགས་བཅོས་ཞུ་མཁན་གྱི་ལུས་པོ་བསྐྱར་བཟོ་དང་རུས་ཚིགས་གཤགས་བཅོས་ཚན་པའི་འགན་འཛིན་གྱིས་གསུངས་འདུག
2024-08-05
དར་མདོ་གྲོང་ཁྱེར་སྒོ་ལྕགས་གྲོང་ཚོ་དང་གུ་བྲག་གྲོང་ཚོའི་ཉེ་འགྲམ་དུ་ཆར་ཞོད་ཀྱིས་གློ་བུར་ཆུ་ལོག་དང་འདམ་རུད་ཀྱི་གོད་ཆགས་བྱུང་སྟེ། ཟམ་པ་རྡིབ་སྐྱོན་དང་ཉེ་འཁོར་ཁང་པ་སོགས་ལ་གཏོར་བཤིག་ཐེབས་པར་བརྟེན་མི་གྲངས་མང་པོ་རྐྱེན་འདས་སུ་ཕྱིན་ཡོད་པ།
2024-08-03
བལ་ཡུལ་ནང་ཡོད་པའི་བོད་མི་ཚོའི་ཆབ་སྲིད་དང་འགྲོ་བ་ མིའི་ཐོབ་ཐང་སོགས་ཀྱི་ཐད་ཤུགས་རྐྱེན་ཐེབས་སྲིད་མིན་སོགས་ཀྱི་སྐོར།