བོད་ཀྱི་ཐུན་མོང་མ་ཡིན་པའི་སྒོ་ཟོག་གཡག་དང་འབྲི་ཡི་སྐོར།

2024.01.27
བོད་ཀྱི་ཐུན་མོང་མ་ཡིན་པའི་སྒོ་ཟོག་གཡག་དང་འབྲི་ཡི་སྐོར།
ཨེ་པི།

དེ་རིང་གི་བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་། བོད་མཐོ་སྒང་གི་ས་ཐོག་ཏུ་ལོ་ངོ་༢༥༠༠ལྷག་གི་གོང་ནས་གཡག་དང་སྒོ་ཕྱུགས་སེམས་ཅན་མི་ཡིས་གསོ་སྐྱོང་བྱེད་འགོ་བཙུགས་ཡོད་པ་རྒྱ་ནག་དང་ཨ་རིའི་མནའ་དངོས་ཤུལ་རྫས་དཔྱད་རིག་པས་ཉམས་ཞིབ་ཀྱི་སྙན་ཐོ་བཏོན་ཡོད་པ་དང་།  དེ་བཞིན་འབྲི་གཡག་གི་སྐོར་གཡག་གཙོས་པའི་དུད་འགྲོ་སེམས་ཅན་གྱི་ཚེ་སྲོག་སྐྱོབ་པའི་ཆེད་དུ་སྙིང་རྗེ་ཚོགས་པ་ཟེར་བའི་ཚོགས་པ་དེ་བཙུགས་གནང་མི་ཚེ་རིང་ཕུན་ཚོགས་ལགས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒོ་ཟོག་གཡག་དང་འབྲི་ཡི་སྐོར་བཅའ་འདྲི་ཞུས་ཏེ་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་ཏེ་སྙན་སྒྲོན་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། ཚེ་དབང་ནོར་བུ།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎