འགྲོ་བ་མིའི་བྱ་སྤྱོད་ལ་བརྟེན་ནས་གོ་ལའི་ཁྱོན་ཡོངས་སུ་ཚད་མཐོ་བའི་ཐོག་ནས་ཁོར་ཡུག་ལ་གནོད་སྐྱོན་དང་ཤུགས་རྐྱེན་ཆེན་པོ་སྤྲོད་བཞིན་ཡོད་པ།
ཐེངས་འདིའི་བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་། ལོ་ངོ་སུམ་ཁྲི་དྲུག་སྟོང་ལྷག་གི་གོང་གི་བོད་ཀྱི་འཁྱགས་རོམ་གྱི་ཁམས་རྫས་རིགས་ཀྱི་འདྲ་དཔེ་དང་དེ་བཞིན་དེང་སྐབས་ཀྱི་ཞ་ཉེའི་ཁམས་རྫས་བཅས་ལ་མཚུངས་བསྡུར་བྱེད་སྐབས་སུ་འཛམ་གླིང་གི་ཡང་རྩེ་བོད་མཐོ་སྒང་དུ་ཡང་ཞ་ཉེའི་གཡའ་དུག་ཡོད་པའི་རྟགས་མཚན་ཐོན་ཡོད་པའི་སྐོར་ས་གཤིས་ཚན་རིག་ཉམས་ཞིབ་པས་ཉམས་ཞིབ་ཀྱི་སྙན་ཐོ་བཏོན་ཡོད་པ་དང་དེའི་བརྒྱུད་དེ་འགྲོ་བ་མིའི་བྱ་སྤྱོད་ལ་བརྟེན་ནས་གོ་ལའི་ཁྱོན་ཡོངས་སུ་ཚད་མཐོ་བའི་ཐོག་ནས་ཁོར་ཡུག་ལ་གནོད་སྐྱོན་དང་ཤུགས་རྐྱེན་ཆེན་པོ་སྤྲོད་བཞིན་ཡོད་པ་དེ་གསལ་པོ་ཡིན་པའི་སྐོར་སྙན་ཐོ་བཏོན་ཡོད་པའི་སྐོར་དང་དེ་དང་འབྲེལ་བའི་སྐོར་ཨ་རིའི་སྙན་གྲགས་ཆེ་བའི་Johns Hopkins གཙུག་ལག་སློབ་གྲྭ་ཆེན་མོའི་གཙུག་ལག་སློབ་དཔོན་དཀོན་མཆོག་རྡོ་རྗེ་ལགས་སུ་ཚེ་དབང་ནོར་བུ་ལགས་ཀྱིས་བཅའ་འདྲི་ཞུས་ཏེ་གནས་ཚུལ་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།