རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་གོ་སྒྲིག་ཞུས་དགོས་པའི་རྒྱབ་ལྗོངས་དང་དམིགས་ཡུལ།


2017.03.18
རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་གོ་སྒྲིག་ཞུས་དགོས་པའི་རྒྱབ་ལྗོངས་དང་དམིགས་ཡུལ། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་དང་། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་བ་འཇམ་དབྱངས་རྡོ་རྗེ་ལགས།
བི་ཀི་པི་ཌི་ཡ།

༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། ཟླ་འདིའི་ཕྱི་ཚེས་༡༧ཉིན་རྒྱ་གར་ སྦི་ཧར་ མངའ་སྡེ་ནང་ཡོད་པའི་ནང་པའི་གནས་ རཇ་གིར་རམ་རྒྱལ་པོའི་ཁབ་ཏུ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་དབུས་གཞུང་གི་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་མཛད་གནང་ཡོད་པ་དང༌། དེ་བཞིན་རྒྱ་གར་དབུས་གཞུང་རང་གིས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དེ་ལྟ་བུ་གོ་སྒྲིག་གནང་དགོས་པའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་སོགས་དང་འབྲེལ་བའི་སྐོར། སྐུ་ཚབ་ངོ་བོའི་ཐོག་ནས་ལྷན་ཚོགས་སུ་ཞུགས་མཁན་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་དང་། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་བ་འཇམ་དབྱངས་རྡོ་རྗེ་ལགས་བཅས་རྣམ་པ་གཉིས་དང༌། འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས་ལགས་བར་གླེང་མོལ་གནང་བར་གསན་རོགས་ཞུ༎

 

 

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎