རྒྱ་ནག་གཞུང་པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ཐད་ཞེད་སྣང་དང་བློ་འཚབ་བྱེད་དགོས་པའི་དོན་གང་ཡིན་ནམ།
2022.04.28

ཉེ་ཆར་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་ནས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱེད་པའི་CHASE ཞེས་པའི་ཧི་མ་ལ་ཡ་དང་ཨེ་ཤ་ཡའི་ཉམས་ཞིབ་བསྟི་གནས་ཁང་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཟུང་སྦྲེལ་གྱི་ཐོག་ནས། རྒྱ་ནག་གཞུང་ནས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐད་ཞེད་སྣང་དང་བློ་འཚབ་བྱེད་དགོས་དོན་གང་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་དྲྭ་ལམ་བརྒྱུད་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཡོད་པའི་སྐོར། རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཪིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག