དྲ་ལམ་བརྒྱུད་རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་ཀཱ་པི་ལ་ཝ་ཚི་ཡཱ་ཡན་དགོངས་རྫོགས་ཀྱི་རྗེས་དྲན་ཞུས་པ།
2020.09.30

འཕགས་བོད་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་དྲ་ལམ་བརྒྱུད་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ལྕམ་ཀཱ་པི་ལ་ཝ་ཚི་ཡཱ་ཡན་དགོངས་རྫོགས་ཀྱི་རྗེས་དྲན་ཞུས་ཡོད་པ།
ཟླ་འདིའི་ཕྱི་ཚེས་༣༠ཉིན་འཕགས་བོད་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་དྲ་ལམ་བརྒྱུད་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ལྕམ་ཀཱ་པི་ལ་ཝ་ཚི་ཡཱ་ཡན་དགོངས་རྫོགས་ཀྱི་རྗེས་དྲན་ཞུ་སྐབས། ལྕམ་ཁོང་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་ལ་ཞབས་འདེགས་ཆེན་པོ་གནང་ཡོད་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གདེང་འཇོག་གནང་བའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཏང་བར་གསན་རོགས་ཞུ།།