ལ་དྭགས་སྟོག་དགོན་པ་དང་། སྟོན་པའི་སྐུ་བརྙན་མཐོ་ཚད་ཕིཊི་ ༧༡ ཅན།

2023.10.24
ལ་དྭགས་སྟོག་དགོན་པ་དང་། སྟོན་པའི་སྐུ་བརྙན་མཐོ་ཚད་ཕིཊི་ ༧༡ ཅན།
དགའ་ལྡན་ཕོ་བྲང་།/སྒྲིག་བཟོ།

ལ་དྭགས་སྟོག་དགོན་པ་ནི་དུས་རབས་ ༡༤ པའི་ནང་བླ་མ་ལྷ་དབང་བློ་གྲོས་ཀྱིས་ཕྱག་བཏབ་པ་ཞིག་ཡིན་ཞིང་།  དེའི་ཉེ་འཁྲིས་སུ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་མཐོ་ཚད་ཕིཊི་ ༧༡ ཅན་ཞིག་ཕྱི་ལོ་ ༢༠༡༢ ནས་བཞེངས་སྐྲུན་གྱིས་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༨ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་རབ་གནས་མཛད་པ་དང་།  ༢༠༢༣ ཟླ་ ༧ ཚེས་ ༣༡ ཉིན་སྟོག་དགོན་པར་༧ཆིབས་སྒྱུར་མཛད་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  སེར་བྱེས་དགེ་བསྐོས་ཟུར་པ་དང་རྒྱུད་སྨད་དགེ་བསྐོས་ཟུར་པ་ལ་དྭགས་མངའ་རིས་ནང་ཆོས་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་ཚེ་དབང་རྡོ་རྗེ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། ཆོས་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎