༢༠༢༥ ལོའི་ཨ་རིའི་རྩེད་འགྲན་ཞིག་གི་ཆེད་བོད་ཕྲུག་ལོ་ན་ ༡༤ མན་གྱི་རྐང་སྤོལ་རྩེད་འགྲན་པ་འདེམས་སྒྲུག

2024.07.13
༢༠༢༥ ལོའི་ཨ་རིའི་རྩེད་འགྲན་ཞིག་གི་ཆེད་བོད་ཕྲུག་ལོ་ན་ ༡༤ མན་གྱི་རྐང་སྤོལ་རྩེད་འགྲན་པ་འདེམས་སྒྲུག
Tibetan Community, Salt Lake City

ཨ་རིའི་ནུབ་ཕྱོགས་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པ་ཁག་གི་དབར་ཕྱི་ལོ་ ༡༩༩༥ ནས་དབུ་འཛུགས་ཀྱིས་༧སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ནས་མཉམ་འདུས་ཀྱི་འཁྲུངས་སྐར་གཏོང་སྲོལ་ཡོད་པ་ལྟར།  འདི་ལོ་ཨ་རིའི་ཡུ་ཊ་མངའ་སྡེའི་ Salt Lake གྲོང་ཁྱེར་དུ་ཚོགས་ཤིང་།  འདི་ལོའི་འདུ་ཚོགས་སུ་ཞབས་གཞས་དང་རྩེད་མོ་སོགས་ལས་རིམ་སྣ་ཚོགས་སྤེལ་ཡོད་པའི་ཁོངས་སུ། ༢༠༢༥ ལོའི་ཨ་རིའི་ནང་རྩེད་འགྲན་ཞིག་གི་ནང་འགྲན་ཞུགས་ཀྱི་ཆེད་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་འདི་ལོ་བོད་ཕྲུག་ལོ་ན་ ༡༤ མན་གྱི་རྐང་སྤོལ་རྩེད་འགྲན་པ་འདེམས་སྒྲུག་གི་ལས་འགུལ་ཞིག་བརྩམས་ཡོད་ཅིང་།  Salt Lake གྲོང་ཁྱེར་ངོས་ནས་མཚོན་ན་ཕྱི་ཟླ་ ༧ ཚེས་ ༦ ཉིན་མོ་འདི་བཞིན་བོད་ཀྱི་ཉིན་མོ་ཞེས་བསྒྲགས་ཡོད་འདུག

 གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  འདི་ལོའི་འཁྲུངས་སྐར་འགན་འཁུར་བཞེས་མཁན་ས་གནས་བོད་མིའི་ཚོགས་པའི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

Tashi2.jpg

གསར་འགོད་པ། བཀྲ་ཤིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎