དབང་རྩ་ཉམས་པའི་ནད་པའི་ལུས་པོའི་ནང་ཕག་པའི་མཁལ་མ་བཅུག་པ་དེས་མ་འོངས་པར་ཕན་ཐོགས་གང་འདྲ་ཡོད་མེད།
2024.02.20

ཀུན་བདེ་གླིང་བསོད་ནམས་དཔལ་ལྡན།
བར་ལམ་ཨ་མི་རི་ཀའི་ཚན་རིག་སྨན་པས་དབང་རྩ་ཉམས་པའི་ནད་པའི་ལུས་པོའི་ནང་ཕག་པའི་མཁལ་མ་བཅུག་པ་དེས་དུས་ཚོད་རིང་ཤོས་ལས་ཀ་བྱེད་པ་དེ་ནི་། མ་འོངས་པར་མཁལ་མ་འཕྲོག་ལྷག་ཕྱིན་ཏེ་སྒུག་ཐོའི་ནང་མ་ཚུད་པའི་ནད་པ་ཚོར་ཕན་ཐོགས་ཡོང་རྒྱུ་མ་ཟད་། ཕག་པའི་མཁལ་མ་འགྲོ་བ་མིའི་ནང་ཉེན་ཁ་མེད་པ་བཅུག་པའི་གཤག་གཅོད་ཀྱི་ལག་རྩལ་དེ་དངོས་སུ་མངོན་འགྱུར་ཡོང་བར་ལོ་ངོ་བཅུ་ཙམ་འགོར་རྒྱུ་ཡིན་པ་མཁལ་མའི་ཆེད་ལས་སྨན་པ་ཀུན་བདེ་གླིང་བསོད་ནམས་དཔལ་ལྡན་ལགས་ཀྱིས་ངོས་འཛིན་གནང་གི་ཡོད་པའི་སྐོར་གཡུ་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག