བོད་ཀྱི་ལོ་ངོ་སྟོང་ཕྲག་གོང་གི་རྡོ་རྐོས་ཀྱི་ལག་རྩལ་དེ་བཞིན་རྩ་སྟོང་འགྲོ་རྒྱུའི་ཉེན་ཁ།

2023.01.14
བོད་ཀྱི་ལོ་ངོ་སྟོང་ཕྲག་གོང་གི་རྡོ་རྐོས་ཀྱི་ལག་རྩལ་དེ་བཞིན་རྩ་སྟོང་འགྲོ་རྒྱུའི་ཉེན་ཁ།
པར་ཚགས།

རྡོ་བཟོ་དང་རྡོ་རྐོས་ཀྱི་ལག་རྩལ་ནི་བོད་ཀྱི་ལོ་ངོ་སྟོང་ཕྲག་གོང་གི་རིག་གནས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་དང་རྡོ་རྐོས་ལག་རྩལ་ལ་བརྟེན་ཏེ་བོད་ཀྱི་ཆོས་དང་རིག་གནས་སྣ་ཚོགས་ཉར་ཚགས་དང་རྒྱུད་འཛིན་བསྐྱངས་དང་སྐྱོང་བཞིན་ཡོད་པ་རེད།  དེང་སྐབས་བོད་པའི་སྤྱི་ཚོགས་ཁྲོད་རྡོ་རྐོས་ཀྱི་ལག་རྩལ་ཐོག་དོ་དབྱིངས་གནང་མཁན་ཇེ་ཉུང་དུ་ཕྱིན་ཡོད་པ་མ་ཟད་ལག་རྩལ་དེ་བཞིན་རྩ་སྟོང་འགྲོ་རྒྱུའི་ཉེན་ཁའི་མཚམས་སུ་སླེབ་ཡོད་པ་རེད།  བོད་དང་བལ་ཡུལ་ས་མཚམས་དོལ་པོ་ཞེས་པའི་ས་ཁུལ་ནས་ཡིན་པ་བོད་རིགས་ཚེ་རིང་ཕུར་པ་ལགས་ཀྱི་འདས་པའི་ལོ་ཉི་ཤུ་ལྷག་གིས་རིང་བོད་ཀྱི་མཐུན་མོང་མ་ཡིན་པས་རྡོ་རྐོས་ཀྱི་ལག་རྩལ་རྒྱུན་གནས་ཐུབ་ཐབས་སུ་མ་ཎི་ཡིག་དྲུག། རྒྱལ་བའི་ཞབས་བརྟན་དེ་བཞིན་ལྷ་སྐུ་འདྲ་མིན་དང་སྔགས་ཡིག་སོགས་རྐོས་ནས་སོ་སོའི་ཉིན་རེའི་འཚོ་བ་སྐྱེལ་བཞིན་ཡོད་འདུག། ཞིབ་ཕྲའི་གནས་ཚུལ་པ་སངས་ཚེ་རིང་ལགས་ཀྱིས་ཕྱོགས་བསྡུས་ཞུས་པའི་གནས་ཚུལ་ལ་གསན་རོགས།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎