ཨ་མི་རི་ཀའི་ནང་ཉེ་ཆར་བོད་ཀྱི་སིལ་སྤོལ་རྩེད་འགྲན་ཚོགས་ཆུང་ཞིག་བཙུགས་ཡོད་པ།
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་ཁྱབ་ཁོངས་སུ་ཨ་མི་རི་ཀའི་ནང་ཉེ་ཆར་བོད་ཀྱི་སིལ་སྤོལ་རྩེད་འགྲན་ཚོགས་ཆུང་ཞིག་བཙུགས་ནས། ཨ་རིའི་ས་ཁུལ་གང་ས་ནས་བོད་མི་གཞོན་སྐྱེས་སིལ་སྤོལ་རྩེད་འགྲན་པ་མང་པོ་གསར་འདེམས་ཞུས་ཏེ་ཨ་རིའི་རྒྱལ་ཡོངས་རིམ་པའམ་རྒྱལ་སྤྱིའི་རིམ་པའི་རྩེད་འགྲན་ཁག་ཏུ་འཛུལ་ཞུགས་བྱེད་རྒྱུའི་གྲ་སྒྲིག་གནང་བཞིན་ཡོད་པ་རེད། ཚོགས་ཆུང་འདིའི་ལས་གཞི་དོ་དམ་པ་བསྟན་འཛིན་སྟོབས་ཆེན་ལགས་ཀྱིས་གསུངས་ན། བོད་པའི་གཞོན་སྐྱེས་རྣམས་ལ་མ་འོངས་ལོ་ལྔ་ནས་བཅུ་ནང་ཚུད་ཨ་རིའི་རྒྱལ་ཡོངས་རིམ་པའི་རྩེད་འགྲན་ཁག་ཏུ་ཞུགས་ཐུབ་པའི་ཆ་རྐྱེན་དང་འོས་ཆོས་ལྡན་གྱི་ཡོད་པ་གསུངས་ཀྱི་འདུག གཤམ་ལ་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཚོགས་ཆུང་གི་ལས་གཞི་དོ་དམ་པ་བསྟན་འཛིན་སྟོབས་ཆེན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག