བླ་སྤྲུལ་དགེ་བའི་བཤེས་གཉེན་མང་པོ་ཐུགས་དམ་བཞུགས་སྲོལ་ཡོད་པ།

2021.01.30
བླ་སྤྲུལ་དགེ་བའི་བཤེས་གཉེན་མང་པོ་ཐུགས་དམ་བཞུགས་སྲོལ་ཡོད་པ། ལུང་རྟོགས་ཀྱི་བསྟན་པ་བཤད་གྲུབ་ཀྱི་གནས་ལ་སྦྱང་པ་ཚད་མཐོར་སོན་པ་བླ་སྤྲུལ་དགེ་བའི་བཤེས་གཉེན་མང་པོ་དགོངས་པ་རྫོགས་པའི་གནས་སྐབས་ཕྱི་མའི་སྔ་ལམ་དུ་འཕོ་སྟངས་ལ་རྟགས་དང་མཚན་མ།
དགེ་བཤེས་ངག་དབང་ནོར་བུ།

༄༅།།བོད་མིའི་སྤྱི་ཚོགས་སྤྱི་དང་། ཡང་སྒོས་ཆོས་བྱེད་དགེ་འདུན་པ། ཁྱད་པར་ལུང་རྟོགས་ཀྱི་བསྟན་པ་བཤད་གྲུབ་ཀྱི་གནས་ལ་སྦྱང་པ་ཚད་མཐོར་སོན་པ་བླ་སྤྲུལ་དགེ་བའི་བཤེས་གཉེན་མང་པོ་དགོངས་པ་རྫོགས་པའི་གནས་སྐབས་ཕྱི་མའི་སྔ་ལམ་དུ་འཕོ་སྟངས་ལ་རྟགས་དང་མཚན་མ། ལྷག་པར་ཐུགས་དམ་བཞུགས་སྲོལ་ཡོད་པ་འདི་ཕྱིའི་ཚན་རིག་གི་ཐོག་ནས་ངོ་མཚར་ཅན་ཞིག་ཏུ་བལྟ་བཞིན་པ་མ་ཟད།  ཚན་རིག་པས་འདིར་གྲུབ་དོན་བརྙེས་པའི་འགྲེལ་བརྗོད་གནང་ཐུབ་པའི་གནས་སྟངས་ཤིག་ཏུ་སླེབས་མེད་པས། འདས་པའི་ལོ་མང་རིང་ཚན་རིག་པ་གྲགས་ཅན་མང་པོས་མུ་མཐུད་རྟག་དཔྱད་གནང་གཞིའི་རྒྱུར་གྱུར་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་འདིའི་ནང་། ཐུགས་དམ་བཞུགས་པའི་གནས་སྐབས་སུ་ཚན་རིག་པའི་རྟག་དཔྱད་དང་ཉམས་ཞིབ་ཀྱི་བརྒྱུད་རིམ་མང་པོའི་ནང་དངོས་སུ་ཕྱག་རོགས་གནང་མྱོང་བ་སེར་བྱེས་དགེ་བཤེས་ངག་དབང་ནོར་བུ་ལགས་དང་ལྷན་ཐུགས་དམ་དང་འབྲེལ་ནས་མྱོང་བ་ཇི་བྱུང་ཁག་གི་སྐོར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎