མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐོག་བོད་ནང་གི་ཁོར་ཡུག་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཡོད་པ།

2022.11.19
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐོག་བོད་ནང་གི་ཁོར་ཡུག་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཡོད་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐོག་ཞུགས་མཁན་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མིས་བོད་མིའི་སྐུ་ཚབ་དང་མཇལ་སྐབས། ༡༡།༡༤།༢༠༢༢
@ChrisLawSNP

དེ་རིང་གི་བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་དཀྱིལ་ཤར་ཡུལ་གྲུ་ཨེ་ཇིབ་རྒྱལ་ཁབ་ཀྱི་གྲོང་བརྡལ་Sharm EI-Sheikདུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐེངས ༢༧ (Cop27) དེ་ཕྱི་ལོ་༢༠༢༢ལོའི་སྤྱི་ཟླ་༡༡ཚེས་༦ནས་༡༨བར་ཉིན་གྲངས་༡༣ཙམ་གྱི་རིང་དུ་ཚོགས་ཡོད་པ་དང་བསྟུན་ནས་ལྷན་ཚོགས་དེའི་སྐབས་སུ་བོད་མིའི་སྐུ་ཚབ་བུད་མེད་ལྔ་ཡོད་པ་རྣམས་མཉམ་ཞུགས་གནང་སྟེ་བོད་ནང་གི་ཁོར་ཡུག་སོགས་ཀྱི་ཛ་དྲག་གནས་སྟངས་སྐོར་གོ་རྟོགས་ཀྱི་ལས་འགུལ་སྤེལ་བའི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ།ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎