བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན།
ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། རྒྱ་རིགས་སློབ་དཔོན་ཆེན་མོ་སྐུ་ཞབས་ལུའུ་ཧན་ཁྲིན་ལགས་ཀྱིས་བརྩམས་གནང་བའི་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་བརྩམས་ཆོས་རླབས་པོ་ཆེ་དེའི་བརྗོད་བྱའི་ནང་དོན་དང་རྩོམ་འབྲི་བའི་ཁྱད་ཆོས། དམིགས་ཡུལ། དེ་བཞིན་དུ་རྩོམ་པ་པོའི་ཀུན་སློང་དང་དེབ་དེ་རྩོམ་པར་བསྐུལ་བའི་རྒྱུ་རྐྱེན། རྒྱ་གཞུང་གི་ལུགས་དགག་པ་དང་ལོ་རྒྱུས་ཀྱི་བདེན་པ་སྒྲུབ་ཆེད་བཀོལ་ཅིང་སྤྱད་པའི་ཐུན་མོང་མ་ཡིན་པའི་རིག་ལམ་སོགས་གླེང་རྒྱུ་ཡིན་ཞིང་། ཞོར་ནས་གོང་ཞུས་དེབ་དེ་བོད་ཡིག་ཏུ་བསྒྱུར་རྒྱུའི་ཀུན་སློང་དང་སྒྱུར་སྐབས་ཀྱི་དཀའ་ཁག གཞན་ཡང་བོད་པའི་སྤྱི་ཚོགས་སུ་དེབ་དེའི་བོད་འགྱུར་མའི་ཐད་དོ་སྣང་ག་འདྲ་ཞིག་བྱས་ཡོད་མེད་སོགས་ཀྱི་ཐད་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དེབ་དེ་བོད་ཡིག་ཏུ་བསྒྱུར་མཁན་སྐུ་ཞབས་སངས་རྒྱས་སྐྱབས་ལགས་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་གནང་བ།
གསར་འགོད་པ། སྟག་ལྷ་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།