དབྱར་དུས་བོད་ཡིག་ཟབ་སྦྱོང་ལས་གཞི་ཐེངས་དགུ་པ།
2024.03.23
བོད་ཀྱི་ཐེབས་རྩ་དང་ས་ར་མཐོ་རིམ་སློབ་གཉེར་ཁང་ཟུང་སྦྲེལ་གྱི་ཐོག་ནས་འདི་ལོའི་ཟླ་བ་ ༨ པའི་ནང་ཟླ་བ་གཅིག་ལྷག་རིང་དབྱར་དུས་བོད་ཡིག་ཟབ་སྦྱོང་ལས་གཞི་ཐེངས་དགུ་པ་དེ་ཚོགས་གཏན་འཁེལ་ཡོད་པ་དང་འབྲེལ། ཐེངས་འདིའི་བཅར་འདྲིའི་ལེ་ཚན་ནང་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ལ་ཟབ་སྦྱོང་དེའི་གནད་འགག་དང་མ་འོངས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་པའི་སློབ་ཕྲུག་རྣམས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་སོགས་ཀྱི་སྐོར་ལ་བསྟན་འཛིན་དཔལ་མོ་ལགས་ཀྱིས་བཀའ་དྲི་ཞུ་བ་ཞིག་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།