བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་ཁག་གཅིག་དབུ་འབྱེད།
2018.01.11

བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་ལོ་རྒྱུས་སོགས་ཀྱི་དཔེ་དེབ་མང་པོ་ཞིག་འདོན་སྤེལ་གནང་བཞིན་པ་ལྟར། ཕྱི་ཟླ་ ༡ ཚེས་ ༡༠ ཉིན་བོད་དང་རྒྱ་ནག་དབར་གྱི་གྲོས་མཐུན་གྱི་སྐོར་གྱི་དེབ་གཅིག་དང་། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་སྐོར་གྱི་དེབ་ཕྲེང་གཅིག གཞན་ཡང་དེང་སྐབས་བལ་ཡུལ་གྱི་ས་ཁོངས་ཡིན་པ་གློ་སྨོན་ཐང་གི་ལོ་རྒྱུས་སོགས་བོད་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཀྱི་དེབ་གསུམ་འདོན་སྤེལ་དབུ་འབྱེད་གནང་འདུག དེའི་སྐོར་སངས་རྒྱས་རྡོ་རྗེ་ལགས་ཀྱིས་གནས་ཚུལ་བཏང་བར་གསན་རོགས།