ཨི་ཐ་ཀ་གྲོང་ཁྱེར་ནང་༧གོང་ས་མཆོག་གི་དཔེ་མཛོད་ཁང་དང་ཤེས་ཡོན་ལྟེ་གནས་ཁང་བཞེང་རྒྱུའི་ས་ཆོག་དང་རྩིག་གདན་རྨང་གཞི་བཏིངས་གནང་ཡོད་པ།

2022.05.07
ཨི་ཐ་ཀ་གྲོང་ཁྱེར་ནང་༧གོང་ས་མཆོག་གི་དཔེ་མཛོད་ཁང་དང་ཤེས་ཡོན་ལྟེ་གནས་ཁང་བཞེང་རྒྱུའི་ས་ཆོག་དང་རྩིག་གདན་རྨང་གཞི་བཏིངས་གནང་ཡོད་པ། Ithacaར་རྟེན་གཞི་གནང་བའི་རྣམ་རྒྱལ་གྲ་ཚང་གི་ནང་ཆོས་སློབ་གཉེར་ཁང་གི་གཙོ་འཛིན་དང་ལས་འཆར་འདིའི་འགན་འཁུར་དོ་དམ་པ་རྒན་བསྟན་འཛིན་ཆོས་བཟང་ལགས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་པ་དང་སྙིང་རྗེ། མིའི་རིན་ཐང་སོགས་རླབས་ཆེན་གྱི་དགོངས་གཞི་ཁག་འཛིན་སྐྱོང་སྤེལ་གསུམ་བྱ་ཡུལ་དང་། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ཀྱི་ཆོས་དང་རིག་གཞུང་སོགས་ལ་སློབ་གཉེར་བྱ་ཡུལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་དཔེ་མཛོད་དང་འགྲེམ་སྟོན་ཁང་ཞིག་ཨ་རིའི་ནིའུ་ཡོཀ་མངའ་སྡེའི་ནང་ཆགས་པའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཡན་ལག་རྣམ་རྒྱལ་སློབ་གཉེར་ཁང་གིས་གསར་བཞེང་ཞུ་རྒྱུ་ཡིན་ཞིང་། ༢༠༢༢ ཕྱི་ཟླ་ ༤ ཚེས་ ༢༩ ཉིན་ས་ཆོག་དང་རྩིག་གདན་རྨང་གཞི་བཏིངས་གནང་སྟེ་དཔེ་མཛོད་དང་འགྲེམ་སྟོན་ཁང་གསར་བཞེངས་ཀྱི་ལས་འཆར་འདི་བཞིན་འཆར་ལོའི་༧སྐུའི་འཁྲུངས་སྐར་ཉིན་ལེགས་གྲུབ་ཡོང་བ་གནང་རྒྱུ་ཡིན་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ལས་འཆར་འདིའི་འགན་འཁུར་དོ་དམ་པ་རྒན་བསྟན་འཛིན་ཆོས་བཟང་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཪིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎