རྒྱ་གར་ནང་གནའ་བོའི་རིག་གཞུང་སླར་གསོའི་ཐད་ལ་ཤུགས་རྐྱེན་ཇི་ཐེབས།

2023.01.07
རྒྱ་གར་ནང་གནའ་བོའི་རིག་གཞུང་སླར་གསོའི་ཐད་ལ་ཤུགས་རྐྱེན་ཇི་ཐེབས།
ཀཡེལཤ་ཅནདྲ་བྷོདྷ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་གནའ་བོའི་རིག་གཞུང་སླར་གསོ་མཛད་རྒྱུའི་ཐུགས་སྐྱེད་དམ་བཅའ་འཇོག་གནང་མཛད་པ་ལྟར།  སྦི་ཧར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་༧ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་བསྟི་གནས་ཁང་གསར་བཞེངས་གནང་རྒྱུའི་རྨང་གཞི་འཛུགས་སྐྲུན་གྱི་འཆར་གཞི་འདིང་གནང་མཛད་པའི་མཛད་སྒོ་ཞིག་གནང་སྟེ། རྒྱ་གར་དབུས་གཞུང་ཁྲིམས་དོན་བློན་ཆེན་ཀི་རེན་རི་ཇེ་ཇུ་ལགས་ཀྱིས་དབུས་རྒྱ་གར་གྱི་གནས་ཡོད་དཔོན་རིགས་མང་པོ་ཕེབས་ཞུགས་མཛད་ཡོད་པ་དང་།  རྒྱ་གར་དབུས་དང་ས་གནས་གཞུང་གཉིས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་གཞི་དང་འབྲེལ་བའི་ལས་འཆར་འདིར་འཐུན་འགྱུར་གང་ཡོང་ཞུ་རྒྱུའི་ཁས་ལེན་ཞུས་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཧིན་དྷི་གསུང་སྒྱུར་བ་ཀཡེལཤ་ཅནདྲ་བྷོདྷ་ལགས་ཀྱིས་ཁོང་རང་བོད་བརྒྱུད་ནང་བསྟན་ལ་ ༢༠༠༥ ལོར་ཐོག་མར་འབྲེལ་བ་བྱུང་བ་ནས་བཟུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྐྱེད་དམ་བཅའ་དགོངས་དོན་རྒྱ་གར་ནང་གནའ་བོའི་རིག་གཞུང་སླར་གསོའི་ཐད་ལ་ཤུགས་རྐྱེན་ཇི་ཐེབས་དང་གོ་རྟོགས་ཇི་འཕེལ་བཅས་ཀྱི་སྐོར་ཁོང་རང་སྒེར་གྱི་མི་ཚེའི་མྱོང་བའི་ཐོག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎