བོད་ཕྲུག་སློབ་མ་ཞིག་གིས་ཕྱི་རྒྱལ་ཁབ་ཀྱི་མཐོ་སློབ་ནང་རྒྱལ་ཁབ་མང་པོའི་སློབ་མའི་ཁྲོད་བོད་མིའི་སྐུ་ཚབ་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད་ཀྱི་གནས་བབ་བཅས་ངོ་སྤྲོད་གནང་ཕྱོགས་ཀྱི་མྱོང་བ།

2025.01.09
བོད་ཕྲུག་སློབ་མ་ཞིག་གིས་ཕྱི་རྒྱལ་ཁབ་ཀྱི་མཐོ་སློབ་ནང་རྒྱལ་ཁབ་མང་པོའི་སློབ་མའི་ཁྲོད་བོད་མིའི་སྐུ་ཚབ་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་།  ཆབ་སྲིད་ཀྱི་གནས་བབ་བཅས་ངོ་སྤྲོད་གནང་ཕྱོགས་ཀྱི་མྱོང་བ། བོད་ཕྲུག་སློབ་མ་ཞིག་གིས་ཕྱི་རྒྱལ་ཁབ་ཀྱི་མཐོ་སློབ་ནང་རྒྱལ་ཁབ་མང་པོའི་སློབ་མའི་ཁྲོད་བོད་མིའི་སྐུ་ཚབ་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད་ཀྱི་གནས་བབ་བཅས་ངོ་སྤྲོད་གནང་ཕྱོགས་ཀྱི་མྱོང་བ།
མཐུན་འགྱུར་པར་རིས།

བསྟན་འཛིན་དབང་མོ་ལགས་ནི། རྒྱ་གར་ནང་སྐྱེས་འཚར་བྱུང་བའི་བོད་པའི་གཞོན་སྐྱེས་ཤིག་ཡིན་ཞིང་། ཆུང་དུས་རྒྱ་གར་གྱི་ཡི་ཤུ་སློབ་གྲྭར་གཞི་རིམ་གྱི་སློབ་གཉེར་གནང་སྟེ་སློབ་སྦྱོང་གི་སྦྱང་འབྲས་རྩེར་སོན་གྱིས་འོས་བསྡུའི་ལམ་ནས་སློབ་གྲྭའི་འགན་བདག་ཡང་གནང་མྱོང་ཡོད་པ་རེད།

TW-2.jpg

དེ་རྗེས་United World College ( UWC ) ཚོགས་པའི་ཁྱབ་ཁོངས་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ ༡༨ ཀྱི་མཐོ་སློབ་ཁག་ནང་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་སྦྱོང་ཆེད་བོད་ཕྲུག་རྣམས་ལ་གོ་སྐབས་གནང་གི་ཡོད་པ་བཞིན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་སློབ་ཡོན་གོ་སྐབས་གནང་སྟེ་འདེམས་རྒྱུགས་ཁོངས་སུ་ཞུགས་ཏེ་དུས་ཡུན་ཟླ་བ་ ༢ ནང་བོད་ཡིག་སྦྱང་སྟེ་བརྒྱ་ཆ་ ༦༥ ཐོབ་ཡོད་པ་ནི་དགོས་ངེས་ཀྱི་ཆ་རྐྱེན་ཚང་བར་གྱུར་ཡོད་ལ། མཐར་རྩེ་གཏོགས་ཀྱི་ཨང་ཀི་ ༢ སོན་ཏེ་དབྱིན་ཡུལ་ཁྱབ་ཁོངས་ ཝེལསིའི་ (Wales) སློབ་འབྲིང་ནང་དུ་སློབ་སྦྱོང་ལོ་གཉིས་གནང་ཡོད་པ་དང་། སྐབས་དེར་མཚོན་ན་ཁོང་གིས་སློབ་གྲྭའི་ནང་གོ་སྐབས་ནམ་བྱུང་ལ་བོད་མིའི་སྐུ་ཚབ་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། བོད་མིའི་ཆབ་སྲིད་ཀྱི་གནས་བབ་བཅས་དྲིལ་བསྒྲགས་གནང་འདུག

wangmo 1.jpg

གཤམ་ལ་བསྟན་འཛིན་དབང་མོ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་ཕྱི་རྒྱལ་ཡུལ་ལུང་ཁག་ནང་རྒྱལ་ཁབ་མང་པོའི་སློབ་མའི་ཁྲོད་སློབ་སྦྱོང་གི་མྱོང་བ་དང་། བོད་པའི་སྐུ་ཚབ་ཇི་ལྟར་གནང་ཡོད་མེད་སོགས་ཀྱི་སྐོར་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎