བོད་པའི་བེུད་མཁའ་ལམ་འགྲིམས་འགྲུལ་གྱི་ཞབས་ཞུ་བ།

2023.05.27
བོད་པའི་བེུད་མཁའ་ལམ་འགྲིམས་འགྲུལ་གྱི་ཞབས་ཞུ་བ།
བསྟན་འཛིན་བཟང་མོ།

བོད་པའི་བེུད་ཁྲོད་མཁའ་ལམ་འགྲིམ་འགྲུལ་གྱི་ནང་ངོ་བོ་འདྲ་མིན་གྱི་ཐོག་ནས་ཕྱག་ལས་གནང་མཁན་ཡོད་ཅིང་།   རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བསྟན་འཛིན་བཟང་མོ་ལགས་ནི་རེ་ཞིག་ནང་མིའི་དཀའ་སེལ་གྱི་ལས་དོན་ཁག་བསྒྲུབས་པའི་རྗེས་རང་ཉིད་ཀྱི་འཚོ་བའི་མདུན་ལམ་ཐད་ཕུགས་འདུན་བཅངས་པ་བཞིན། མཁའ་ལམ་འགྲིམ་འགྲུལ་གྱི་སྣེ་ལེན་ཞབས་ཞུའི་ལས་དོན་ལ་ཞུགས་ནས་ལོ་ལྔ་རིང་རྒྱ་གར་རྒྱལ་ནང་དུ་ཕུར་བསྐྱོད་གནང་ཡོད་ཅིང་།  ཞབས་ཞུའི་བརྒྱུད་རིམ་འདིའི་ཁྲོད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧ཆིབས་སྒྱུར་མཛད་འཕྲིན་སྐབས་གནམ་ཐང་དང་གནམ་གྲུ་བཅས་ཀྱི་ནང་མཇལ་ཞུའི་གོ་སྐབས་ཐེངས་ ༤ ཐོབ་པ་ནི་བསྐལ་བཟང་དུ་ངོས་འཛིན་ཞུ་གི་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཁོང་གི་མཁའ་ལམ་འགྲིམ་འགྲུལ་གྱི་ལས་དོན་ཁྲོད་བོད་མིའི་དམིགས་བསལ་ཁྱད་ཆོས་དང་ནུས་པ་འདོན་ཐུབ་པ་ཇི་ཡོད་སོགས་དང་འབྲེལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

image10.jpeg
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎