བོད་པའི་སྤྱི་ཚོགས་ནང་འཕྲུལ་རིག་དཔྱད་ཞིབ་ཀྱི་ཆེད་ལས་པ།
དེང་སང་དྲྭ་རྒྱའི་དུས་ཚོད་ཡིན་དུས། ཚོང་དོན་དང་མིའི་ཉིན་རེའི་འཚོ་བའི་ནང་འཕྲུལ་རིག་དང་དྲྭ་རྒྱ་ནི་མེད་དུ་མི་རུང་བ་ཞིག་ཏུ་འགྱུར་ཡོད་ལ། དེ་དང་དུས་མཚུངས་འཛམ་གླིང་སྤྱི་དང་ལྷག་པར་བོད་པའི་སྤྱི་ཚོགས་ནང་ལ་གློག་ཀླད་འཕྲུལ་རིགས་དང་དྲྭ་རྒྱའི་བདེ་འཇགས་ཐད་དཀའ་ངལ་ཇི་སྙེད་ཅིག་འཕྲད་བཞིན་པའི་སྐབས་འདིར་འཕྲུལ་རིག་ཆེད་ལས་པའི་དགོས་མཁོ་ཆེན་པོར་གྱུར་བཞིན་ཡོད་པ་རེད། ཐེངས་འདིའི་བཅར་འདྲིའི་ལེ་ཚན་ནང་། བོད་པའི་གཞོན་སྐྱེས་ Technical Analyst ཞེས་འཕྲུལ་རིག་དཔྱད་ཞིབ་ཀྱི་ཆེད་ལས་པ་ཐུབ་བསྟན་ལེགས་བཤད་ལགས་སུ་ཁོང་གི་ཆེད་ལས་དེའི་སྐོར་དང་། བོད་པའི་སྤྱི་ཚོགས་ལ་ཕན་ནུས་གང་ཞིག་སྐྲུན་ཐུབ་མིན་སྐོར་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།