༧གོང་ས་༧སྐྱབས་མགོན་༧སྐུ་ཕྲེང་ན་རིམ་དང་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོ་དང་། རྒྱལ་བ་ཡབ་སྲས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ།
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་བོད་མི་སེར་སྐྱ་མི་མང་སྟོང་ཕྲག་མང་པོའི་ཕེབས་བསུ་དང་བཅས་ཞབས་སོར་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་འཁོད་དེ། གདན་ས་བཀྲ་ཤིས་ལྷུན་པོ་དེ་ཉིད་༧རྒྱལ་མཆོག་༧སྐུ་ཕྲེང་དང་པོ་རྒྱལ་བ་དགེ་འདུན་གྲུབ་ཀྱིས་ཕྱག་བཏབ་པ་དང་། ༧གོང་ས་༧སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་ནི་རྒྱལ་བ་དགེ་འདུན་གྲུབ་པའི་སྐུ་ཕྲེང་ཡིན་པས་ད་རེས་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་ཆིབས་སྒྱུར་གནང་ཐུབ་པར་ཐུགས་ཧ་ཅང་དགྱེས་ཚོར་བྱུང་ཞེས་བཀའ་གནང་ཡོད་པ་རེད། ཐེངས་འདིའི་ལས་རིམ་ནང་། ༧གོང་ས་༧སྐྱབས་མགོན་༧སྐུ་ཕྲེང་ན་རིམ་དང་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོའི་དབར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་དང་། རྒྱལ་བ་ཡབ་སྲས་གཉིས་ཀྱི་བླ་སློབ་ཀྱི་འབྲེལ་བ་སོགས་ཀྱི་སྐོར་ལ་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་དགོན་པའི་དཀའ་ཆེན་བློ་བཟང་ཚུལ་ཁྲིམས་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པའི་ལས་རིམ་ཞིག་གསན་གནང་གི་རེད།།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།