ནིའུ་ཡོག་དང་ནིའུ་ཇར་སིའི་བོད་ཡིག་གཟའ་མཇུག་སློབ་གྲྭའི་བྱིས་པ་༤༠༠་ཙམ་ལས་འགྲུབ་པའི་བྱིས་པའི་མཉམ་གཞས་དགུ་བསྟོན་གླུ་དབྱངས།

2024.08.26
ནིའུ་ཡོག་དང་ནིའུ་ཇར་སིའི་བོད་ཡིག་གཟའ་མཇུག་སློབ་གྲྭའི་བྱིས་པ་༤༠༠་ཙམ་ལས་འགྲུབ་པའི་བྱིས་པའི་མཉམ་གཞས་དགུ་བསྟོན་གླུ་དབྱངས།
The Tibetan Community NYNJ

ཟླ་བ་བརྒྱད་པའི་ཚེས་ཉི་ཤུ་གཉིས་ཉིན། ནིའུ་ཡོག་དང་ནིའུ་ཇར་སི་ཡི་བོད་ཡིག་གཟའ་མཇུག་སློབ་གྲྭ་ལྔ་ཡི་་བྱིས་པ་༤༠༠་མ་ཟིན་ཙམ་གྱིས་མཉམས་འཛོམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགུ་བསྟོན་གླུ་དབྱངས་ཞེས་པ་ཞིག་བརྟན་བཞུགས་སྐབས་གཟིགས་འབུལ་ཞུས་ཡོད་པ་དང་། གཞས་དེའི་གདངས་རྩོམ་མཁན་དང་། སྒྲིགས་སྦྱོར་གནང་མཁན་བསྟན་འཛིན་ནོར་བུ་ལགས་སུ་བྱིས་པ་ཚོས་དགུ་བསྟོན་གླུ་དབྱངས་སྦྱོང་བརྡར་གནང་ཕྱོགས་སོགས་ཀྱི་ཐད་ལ་གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གཤམ་ལ་གསན་གནང་གི་རེད།

WhatsApp 图像2024-08-26于14.28.19_0b5fa841.jpg

གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎