སིམ་ལ་དང་དོན་གྲུབ་གླིང་རུ་ཁག་གཉིས་རྩེ་ཕུད་རུ་ཁག་བཞིའི་ནང་ཚུད་ཡོད་པ།
2021.10.09
ཟླ་འདིའི་ཚེས་༩ ཉིན་རྩེད་ཕུད་རུ་ཁག་བརྒྱད་ལས་སིམ་ལ་དང་མོན་གྷོ་རུ་ཁག་དབར་འགྲན་བསྡུར་གྱིས་སིམ་ལ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་ཅིང་། འགྲན་བསྡུར་གཉིས་པའི་ནང་པུ་རུ་ཝ་ལ་དང་དོན་གྲུབ་གླིང་རུ་ཁག་དབར་འགྲན་བསྡུར་གྱིས་དོན་གྲུབ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་སྟེ། སིམ་ལ་དང་དོན་གྲུབ་གླིང་རུ་ཁག་གཉིས་རྩེ་ཕུད་བཞིའི་ནང་ཚུད་ཡོད་པ་རེད། ཉིན་བརྒྱད་པའི་འགྲན་བསྡུར་ནང་རྒྱལ་ཁ་ཐོབ་མཁན་སིམ་ལ་རུ་ཁག་གི་རུ་དཔོན་རྣམ་རྒྱལ་ཕུན་ཚོགས་ལགས་ནས་ཐེངས་འདིའི་འགྲན་བསྡུར་ནང་ཁ་གཏད་གྱོང་ཤོས་དེ་སྦིར་དང་བདེ་སྐྱིད་གླིང་བཅས་མཐོང་གི་འདུག འོན་ཀྱང་མཐའ་མའི་རྒྱལ་ཁ་ཐོབ་པ་ལ་ཡིད་ཆེས་དང་གདེངས་ཚོད་ཆེན་པོ་ཡོད་ཅེས་གསུངས་བ་སོགས་ཀྱི་སྐོར་འདི་གའི་གསར་འགོད་པ་བློ་བཟང་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།