ལྡི་ལི་བསམ་ཡས་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་མི་བགྲེས་སོང་༩་རྡོ་རྗེ་གདན་དུ་གསུང་ཆོས་ཞུ་ཆེད་དང་གནས་མཇལ་སོགས་ལ་འཁྲིད་ཡོད་པ།

2023.12.26
ལྡི་ལི་བསམ་ཡས་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་མི་བགྲེས་སོང་༩་རྡོ་རྗེ་གདན་དུ་གསུང་ཆོས་ཞུ་ཆེད་དང་གནས་མཇལ་སོགས་ལ་འཁྲིད་ཡོད་པ། ཕྱི་ཟླ་༡༢ པའི་ཚེས་༡༠ ཉིན། བོད་སྒར་བསམ་ཡས་གླིང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༤འཁོར་བའི་དུས་དྲན་སྲུང་བརྩི་ཞུ་སྐབས། བོད་དོན་རྒྱབ་སྐྱོར་བ་Shri Sandesh Mishra ཕེབས་ཡོད་པ།
Photo: RFA

ཐེངས་འདིའི་གནས་འདྲིའི་ལེ་ཚན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བཀའ་ཆོས་བསྩལ་གནང་རྒྱུ་ཡིན་པར་བརྟེན། གསུང་ཆོས་ཞུ་ཕྱིར་དང་གནས་མཇལ་ཆེད་ལྡི་ལི་བསམ་ཡས་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྔ་ལོ་བཞིན་འདི་ལོ་ཡང་བོད་མི་གྲེས་སོང་༩་གནས་མཆོག་རྡོ་རྗེ་གདན་སོགས་ལ་འཁྲིད་དེ་ལས་དོན་སྤེལ་བཞིན་པ་སོགས་དང་འབྲེལ་བའི་སྐོར། ས་གནས་གཞོན་ལྷན་ཚོགས་གཙོ་བསྟན་འཛིན་ལེགས་བཤད་ལགས་ལ་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང།།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎