སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ།
2014.09.13

༄༅༎ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། སྐབས་བཅོ་ལྔ་པའི་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པ་དབུ་འཛུགས་གནང་ཡོད་པ་དང༌། གྲོས་ཚོགས་ཚོགས་འདུ་ཉིན་གཉིས་པའི་ཐོག། བོད་མིའི་སྒྲིག་འཛུགས་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་བཀའ་བརྒྱུད་དོན་འགྲུབ་ལགས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་བསྐོ་བཞག་གནང་ཡོད་པ། ལྷག་པར་དུ་དེ་རིང་གི་གྲོས་ཚོགས་ཚོགས་དུས་འདི་འཛིན་སྐྱོང་བཀའ་ཤག་གིས་འདས་པའི་ལོ་གཅིག་ནང་ལས་དོན་གང་གནང་བའི་ལས་བསྡོམས་ཐོག་བགྲོ་གླེང་གནང་རྒྱུ་གཙོ་བོ་ཆགས་ཀྱི་ཡོད་སྟབས། སྤྱི་འཐུས་ལྷན་ཚོགས་ནང་དུ་མ་འོངས་པར་འཛིན་སྐྱོང་ཡར་རྒྱས་གཏང་ཆེད་དུ་བཀའ་བསྡུར་གང་འདྲ་ཡོང་སྲིད་པའི་སྐོར། སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་ཀྱིས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་བཅས་རྣམ་གཉིས་དང་ལྷན་དུ་བཀའ་མོལ་གནང་བར་གསན་རོགས་ཞུ༎
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།